Tibetan-language Update on H.E. Ling Rinpoche’s Health

༄༅། ། ཞྭ་སེར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་དྭངས་སྐྱེད་བྱུང་བའི་གཏམ་བཟང་། ཕྱི་ལོ་༢༠༡༢ཕྱི་ཟླ་༡༡ཚེས་༢༨ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཚབས་ཆེའི་རླངས་འཁོར་རྡུང་ཐུག་གིས་སྐུ་གཟུགས་བརྡབ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས་རྒྱ་གར་གྱི་ས་གནས་(GOA)གྷོ་ཝ་དང་(DELHI)ལྡི་ལི་དེ་བཞིན་(USA)ཨ་རི་སོགས་སུ་སྐུའི་སྨན་གཅོས་རིམ་གནང་གིས་ད་ཆ་ཧ་ཅང་གི་དྭངས་སྐྱེད་བྱུང་ཡོད། སྐུའི་སྨན་བཅོས་སྐོར་བྱུང་རིམ་ཕྱི་ལོ་༢༠༡༤ཕྱི་ཟླ་༢ནང་སྒྲོན་པའི་གློག་དཔར་(INDIA)རྒྱ་གར་དང་(ITALY)ཨི་ཀྲ་ལི་(FRANCE)ཕ་རན་སི་ལྷག་དོན་(MAYO)མ་ཡོ་སྨན་ཁང་གི་རུས་གཅོས་སྨན་པ་མཁས་དབང་རྣམས་ལ་སྤྱན་འབུལ་ཞུས་པས་མཐའ་བསྡོམས་སུ་བཤག་བཅོས་གནང་དགོས་པ་གཅིག་མཐུན་གསུངས་པས་༸གོངས་༸ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་ཕྱི་ལོ་༢༠༡༤ཕྱི་ཟླ་༤པ་ནས་ཉེ་དུས་བར་ཨ་རིར་སྨན་བཅོས་ཕེབས་བཞུགས་གནང་ཡོད། རྒྱ་གར་དུ་གཤག་བཅོས་གནང་ཟིན་པའི་རྗེས་ཉེ་ཆར་ཨ་རིའི་(MINNESOTA)མི་ཎི་སོ་ཊར་མངའ་སྡེའི་ཁྱབ་ཁོངས་(ROCHESTER)རོ་ཆེ་སེ་ཊར་གྱི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་(MAYO)མ་ཡོ་སྨན་ཁང་དུ་བརྟག་དཔྱད་རིམ་ཞུས་ཀྱི་དེ་གར་སྒྲོན་པའི་གློག་དཔར་ཆེད་ལས་མཁས་པའི་སྨན་པ་རྣམས་ཀྱི་གཟིགས་རྗེས་རྒྱ་གར་དུ་སྨན་བཅོས་གནང་བ་དེ་ད་ཆ་དྭངས་སྐྱེད་ཧ་ཅང་གི་ལེགས་པོ་བྱུང་བཞིན་འདུག་པས་ཟླ་བ་གཉིས་རིང་སྐུ་སྤྱི་བྱིངས་ལ་སྦྱོང་བརྡར་དང་ཞབས་ལ་དམིགས་བསལ་གྱི་ལུས་རྩལ་གནང་དགོས་གསུངས། དེ་རྗེས་སྨན་ཁང་དུ་བརྟག་དཔྱད་ཞུས་རྗེས་ད་ཆ་ཡང་བསྐྱར་ཨ་རིར་གཤག་བཅོས་གནང་དགོས་གལ་མེད་པ་མ་ཟད་དེ་གར་བཞུགས་རིང་ཞབས་གཡས་པ་དྭངས་སྐྱེད་ཧ་ཅང་གི་ལེགས་པོ་བྱུང་ཡོད་པས་ད་ཆ་ཕྱག་འཁར་བསྣམས་མི་དགོས་པར་ཕེབས་ཐུབ་པ་དང་། ད་དུང་ཟླ་བ་ཁ་ཤས་རིང་མུ་མཐུད་དེ་ཕྱི་གཅོས་གསོ་ཐབས་ལ་བརྟེན་ནས་སྨན་གཅོས་གནང་ན་སྐུ་གཟུགས་ཡོངས་སུ་དྭངས་སྐྱེད་ཕེབས་ཐུབ་པར་གསུངས། ཉེ་ལམ་རྒྱ་གར་དུ་ཕེབས་ཟིན་པ་དང་འདི་ལོའི་དབྱར་འཇུག་དུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། ཡོངས་འཛིན་གླིང་ཚང་བླ་བྲང་ནས། ཕྱི་ལོ་༢༠༡༤ཟླ་བ་༨ཚེས་༡རེས་གཟའ་པ་སངས་ཉིན།

This is a translation of H.E. Ling Rinpoche’s Health Update which was previously posted in English. For the English version, please visit here.

2016-05-16T01:10:56+05:302014 08 04|News 2014, News Archive|